关于依法收缴非法枪爆等物品严厉打击枪爆违法犯罪的通告(藏汉双语)

360影视 欧美动漫 2025-03-12 12:01 2

摘要:为保护改则县人民群众生命财产安全,维护国家安全和社会大局持续稳定,全面动员社会各界和广大人民群众积极参与打击整治枪爆违法犯罪专项行动,彻底收缴流散社会的各类非法枪支、弹药、爆炸物品、仿真枪、弩、管制刀具、零散成品油等物品,依法严厉打击涉枪涉爆涉弩涉管制刀具涉零

关于依法收缴非法枪爆等物品

严厉打击枪爆违法犯罪的通告

为保护改则县人民群众生命财产安全,维护国家安全和社会大局持续稳定,全面动员社会各界和广大人民群众积极参与打击整治枪爆违法犯罪专项行动,彻底收缴流散社会的各类非法枪支、弹药、爆炸物品、仿真枪、弩、管制刀具、零散成品油等物品,依法严厉打击涉枪涉爆涉弩涉管制刀具涉零散成品油违法犯罪活动,根据《中华人民共和国刑法》《中华人民共和国枪支管理法》《中华人民共和国治安管理处罚法》《民用爆炸物品安全管理条例》《西藏自治区零散成品油销售管理办法》等有关规定,特通告如下。

一、禁止实施下列行为:(一)非法制造、买卖、运输、邮寄、储存枪支、弹药、爆炸物品、弩、零散成品油;(二)非法持有、私藏枪支、弹药,非法使用、私藏爆炸物品、零散成品油;(三)盗窃、抢劫、抢夺、走私枪支、弹药、爆炸物品、弩、零散成品油;(四)非法携带枪支、弹药、爆炸物品、弩、管制刀具、零散成品油进入公共场所或者乘坐公共交通工具;(五)通过互联网等渠道违法违规制作、复制、发布、传播含有枪支、弹药、爆炸物品、弩、管制刀具、零散成品油的信息;(六)制造、销售仿真枪;(七)违规制造、销售、贩卖、寄递管制刀具;(八)使用枪支、弹药、爆炸物品、仿真枪、弩、管制刀具、零散成品油等从事非法娱乐游艺活动;(九)违规存放超过60公升的汽油和柴油。

二、凡在本通告发布之日起至3月31日前主动交出上述非法物品的,可依法从轻、减轻处罚或者免除处罚;不立即停止违法犯罪行为、交出非法物品的,依法从严惩处。

三、鼓励广大人民群众积极举报涉及枪支、弹药、爆炸物品、仿真枪、弩、管制刀具、零散成品油等违法犯罪行为,提供相关线索,经查证属实的,将奖励500元;若提供线索并有重大立功表现的,将奖励1000元。公安机关将依法保护举报人的个人信息和安全。对于窝藏、包庇涉及枪支、爆炸物、弩、管制刀具、零散成品油等违法犯罪人员,或帮助违法犯罪人员毁灭、伪造证据的,将依法追究法律责任。

四、凡枪支、弹药、爆炸物品、弩被盗、被抢或者丢失的,应当及时报告当地公安机关;不及时报告的,依法追究有关责任单位和人员的法律责任。任何单位和个人发现遗弃的枪支、弹药、爆炸物品、仿真枪、弩、管制刀具或者疑似枪爆物品的,应当立即报告当地公安机关。

五、本通告所称枪支包括:军用枪、猎枪、射击运动枪、麻醉注射枪、气枪、彩弹枪、火药枪、电磁枪等各类制式枪支、非制式枪支及枪支零部件。弹药包括以上各类枪支使用的制式、非制式弹丸、弹片。弩是指以机械外力助推箭的发射装置。爆炸物品包括:炸药、雷管、导火索、导爆索、震源弹、黑火药、烟火药、手榴弹、地雷等各类爆炸物品以及列入易制爆危险化学品名录,可用于制造爆炸物品的危险化学品。管制刀具包括:匕首、三棱刮刀、带有自锁装置的弹簧刀(跳刀)等。零散成品油包括:汽油、柴油。

六、举报方式:

(一)实地举报:如发现涉及本辖区的相关情况,请前往辖区派出所或警务站进行举报。举报人需携带有效身份证件,并详细说明举报内容,包括但不限于枪爆物品的种类、数量、具体存放地点以及持有人的相关信息等,以便公安机关能够迅速采取行动。

(二)电话举报:08972653110、08972665244

本通告自发布之日起实施。

改则县公安局

2025年3月11日

ཁྲིམས་འགལ་གྱི་མེ་མདའ་དང་འབར་རྫས་སོགས་དངོས་རྫས་ཁྲིམས་ལྟར་བསྡུ་ལེན་བྱས་ནས་མེ་མདའ་དང་འབར་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ།

སྒེར་རྩེ་རྫོང་གི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་སྲུང་སྐྱོང་། སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་མེ་མདའ་དང་འབར་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ནང་ཧུར་ཐག་ཞུགས་རྒྱུར་ཁྱོན་ཡོངས་ནས་སྐུལ་སློང་དང་། སྤྱི་ཚོགས་ཐོག་གི་ཁྲིམས་འགལ་གྱི་མེ་མདའ་དང་། རྫས་མདེལ། འབར་གས་དངོས་རྫས། འདྲ་བཟོས་མེ་མདའ། མདའ། བཀག་སྡོམ་བྱེད་པའི་གྲི་ཆས། བཅོས་སྣུམ་སིལ་མ་སོགས་ཀྱི་དངོས་རྫས་གཞུང་བཞེས་མཐའ་གཅིག་ཏུ་གཏོང་བ། མེ་མདའ་དང་འབར་རྫས་བཀག་སྡོམ་བྱེད་པའི་གྲི་ཆས། སིལ་སྣུམ་བཅོས་མ་སོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་མདའ་དོ་དམ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》《དམངས་སྤྱོད་འབར་གས་དངོས་རྫས་ཀྱི་བདེ་འཇགས་དོ་དམ་སྲོལ་ཡིག》《བོད་རང་སྐྱོང་ལྗོངས་ཀྱི་བཅོས་སྣུམ་སིལ་མའི་དོ་དམ་བྱ་ཐབས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

དང་པོ། གཤམ་གསལ་གྱི་བྱ་སྤྱོད་ཁག་སྤེལ་མི་ཆོག་པ་སྟེ། (གཅིག)མེ་མདའ་དང་། རྫས་མདེལ། འབར་གས་དངོས་རྫས། མདའ་དང་སིལ་སྣུམ་བཅོས་མ་བཅས་ཁྲིམས་འགལ་གྱིས་བཟོ་བ་དང་། ཉོ་ཚོང་། དབོར་འདྲེན། སྦྲག་ཐོག་སྐུར་བ། ཉར་ཚགས་བཅས་བྱེད་པའི་རིགས། (གཉིས)ཁྲིམས་འགལ་གྱིས་མེ་མདའ་དང་རྫས་མདེལ་བདག་བཟུང་དང་། སྒེར་ཉར་བྱེད་པ། འབར་གས་དངོས་རྫས་དང་བཅོས་སྣུམ་སིལ་མ་ཁྲིམས་འགལ་གྱིས་བེད་སྤྱོད་དང་སྒེར་ཉར་བཅས་བྱེད་པའི་རིགས། (གསུམ)མེ་མདའ་དང་། རྫས་མདེལ། འབར་གས་དངོས་རྫས། མདའ་དང་བཅོས་སྣུམ་སིལ་མ་བཅས་ཁྲིམས་འགལ་གྱིས་རྐུ་ཁྱེར་དང་། འཕྲོག་བཅོམ། བཙན་འཕྲོག ལྐོག་འདྲེན་བཅས་བྱེད་པའི་རིགས། (བཞི)ཁྲིམས་འགལ་གྱིས་མེ་མདའ་དང་། རྫས་མདེལ། འབར་གས་དངོས་རྫས། མདའ། བཀག་སྡོམ་བྱེད་པའི་གྲི་ཆས། བཅོས་སྣུམ་སིལ་མ་བཅས་མི་ཚོགས་འདུ་སར་ཁྱེར་བའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་ཁྱེར་བའི་རིགས། (ལྔ)མཉམ་སྦྲེལ་དྲ་རྒྱ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་ཁྲིམས་འགལ་གྱིས་མེ་མདའ་དང་། རྫས་མདེལ། འབར་གས་དངོས་རྫས། མདའ། བཀག་སྡོམ་བྱེད་པའི་གྲི་ཆས། བཅོས་སྣུམ་སིལ་མ་སོགས་ཀྱི་ཆ་འཕྲིན་འདྲ་བཤུས་དང་། འདྲ་བཟོ། འགྲེམས་བསྒྲགས། ཁྱབ་སྤེལ་བཅས་བྱེད་པའི་རིགས། (དྲུག)འདྲ་བཟོས་མེ་མདའ་བཟོ་བ་དང་ཉོ་འཚོང་བྱེད་པའི་རིགས།(བདུན)སྒྲིག་འགལ་གྱིས་བཀག་སྡོམ་བྱེད་པའི་གྲི་ཆས་བཟོ་བ་དང་། ཕྱིར་འཚོང་བྱེད་པ། བར་ཚོང་རྒྱག་པ། སྦྲག་ཐོག་སྐུར་བ་བཅས་བྱེད་པའི་རིགས།(བརྒྱད)མེ་མདའ་དང་། རྫས་མདེལ། འབར་གས་དངོས་རྫས། འདྲ་བཟོས་མེ་མདའ། མདའ། བཀག་སྡོམ་བྱེད་པའི་གྲི་ཆས། བཅོས་སྣུམ་སིལ་མ་སོགས་ཁྲིམས་འགལ་གྱིས་རོལ་རྩེད་བྱེད་སྒོར་སྤྱོད་པ།(དགུ)ཀུང་ཧྲེང་60ལས་བརྒལ་བའི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་སྒྲིག་འགལ་གྱིས་གསོག་འཇོག་བྱེད་པ་བཅས་ཡིན།

གཉིས་པ། བརྡ་ཐོ་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་ཟླ་3པའི་ཚེས་31ཉིན་གྱི་སྔོན་ལ་རང་འགུལ་ངང་གོང་དུ་བརྗོད་པའི་ཁྲིམས་འགལ་དངོས་རྫས་ཕྱིར་སྤྲོད་བྱེད་པའི་རིགས་ལ་ཁྲིམས་ལྟར་ཡང་བཟོས་ཀྱི་ཉེས་ཆད་དང་ཉེས་ཆད་བཅའ་ཡང་དུ་གཏོང་བའམ་ཡང་ན་ཉེས་ཆད་རྩ་ཡང་དུ་བཏང་ཆོག ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་མཚམས་མི་འཇོག་པ་དང་ཁྲིམས་འགལ་དངོས་རྫས་ཕྱིར་སྤྲོད་མ་བྱས་ན་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་རྒྱུ།

གསུམ་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་མེ་མདའ་དང་། རྫས་མདེལ། འབར་གས་དངོས་རྫས། འདྲ་བཟོས་མེ་མདའ། མདའ། བཀག་སྡོམ་བྱེད་པའི་གྲི་ཆས། བཅོས་སྣུམ་སིལ་མ་སོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཐེར་འདོན་ཧུར་ཐག་བྱེད་པར་བསྔགས་སྐུལ་བྱས་ཏེ། འབྲེལ་ཡོད་ཁུངས་སྣེ་འདོན་སྤྲོད་བྱས་ནས། རྩད་ཞིབ་བྱས་པ་བརྒྱུད་གནས་ཚུལ་ངོ་མ་ཡིན་ན་བྱ་དགའ་སྒོར་500སྤྲོད་རྒྱུ་དང་། ཁུངས་སྣེ་འདོན་སྤྲོད་བྱས་པ་མ་ཟད་བྱས་རྗེས་ཆེན་པོ་བཞག་ན་བྱ་དགའ་སྒོར་1000སྤྲོད་རྒྱུ། སྤྱི་བདེ་ལས་ཁུངས་ཀྱིས་ཐེར་འདོན་བྱེད་མཁན་གྱི་མི་སྒེར་གྱི་ཆ་འཕྲིན་དང་བདེ་འཇགས་ལ་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་ཡིན། མེ་མདའ་དང་། འབར་གས་དངོས་རྫས། མདའ། བཀག་སྡོམ་བྱེད་པའི་གྲི་ཆས། བཅོས་སྣུམ་སིལ་མ་སོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་པ་སྦས་སྐུང་དང་འགེབས་སྲུང་བྱས་པའམ་ཡང་ན་ཁྲིམས་འགལ་ཉེས་གསོག་པར་དཔང་རྟགས་མེད་པར་བཟོ་བ་དང་རྫུན་བཟོ་བྱེད་རོགས་བྱས་ཚེ། ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

བཞི་པ། མེ་མདའ་དང་། རྫས་མདེལ། འབར་གས་དངོས་རྫས། མདའ་བཅས་རྐུ་ཁྱེར་དང་བཙན་འཕྲོག་ཡང་ན་བོར་བརླག་བཅས་བྱུང་རིགས་དུས་ཐོག་ཏུ་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་དགོས། དུས་ཐོག་ཏུ་སྙན་སེང་མ་ཞུས་ན་བཅའ་ཁྲིམས་ལྟར་འབྲེལ་ཡོད་འགན་འཁུར་ཚན་པ་དང་འབྲེལ་ཡོད་མི་སྣའི་ཁྲིམས་ལུགས་འགན་འཁྲི་བདའ་འདེད་གཏོང་རྒྱུ། ཚན་པ་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་སྐྱུར་བའི་མེ་མདའ་དང་། རྫས་མདེལ། འབར་གས་དངོས་རྫས། འདྲ་བཟོས་མེ་མདའ། མདའ་གཞུ། བཀག་སྡོམ་བྱེད་པའི་གྲི་ཆས་བཅས་སམ་མེ་མདའ་དང་འབར་གས་དངོས་རྫས་ཡིན་པའི་དོགས་གནད་ཆེ་བའི་རིགས་ཤེས་རྟོགས་བྱུང་ན་འཕྲལ་མར་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་དགོས།

ལྔ་པ། བརྡ་ཐོ་འདིར་བརྗོད་པའི་མེ་མདའ་ནི། དམག་སྤྱོད་མེ་མདའ་དང་། རྔོན་མདའ། ལུས་རྩལ་བྱེད་སྒོའི་ཚ་ཁའི་མེ་མདའ། སྦྲིད་སྨན་རྒྱག་བྱེད་མེ་མདའ། སོལ་རླངས་མེ་མདའ། ཚོན་ལྡན་མདེའུ་མེ་མདའ། མེ་རྫས་མེ་མདའ། གློག་ཁབ་ལེན་གྱི་མེ་མདའ་སོགས་འདྲ་བཟོས་ཟིན་པའི་མེ་མདའ་དང་བཟོས་ཟིན་མེད་པའི་མེ་མདའི་ལྷུ་ལག་སྣ་ཚོགས་ཚུད་ཡོད། རྫས་མདེལ་ནི། གོང་གསལ་མེ་མདའ་སྣ་ཚོགས་སུ་སྤྱོད་པའི་བཟོ་བྱེད་ཡིན་པ་དང་བཟོ་བྱེད་མིན་པའི་མདེའུ་རིལ་དང་མདེལ་ལེབ་བཅས་ཡིན། མདའ་ནི། འཕྲུལ་ཆས་ཕྱིའི་ཤུགས་ཀྱིས་མདའ་རམ་འདེགས་བྱེད་པའི་འཕེན་གཏོང་སྒྲིག་ཆས་ལ་ཟེར། འབར་གས་དངོས་རྫས་ནི། འབར་རྫས་དང་། མེ་འདྲེན་སྦུ་གུ། སྦི་སྡི། འབར་འདྲེན་སྦི་སྡི། འགུལ་ཁུངས་མེ་རྫས། མེ་རྫས། རྫས་མེ། ལག་འབོམ། ས་འོག་འབར་མདེལ་སོགས་འབར་གས་དངོས་རྫས་སྣ་ཚོགས་དང་འབར་གས་སླ་བའི་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་མིང་ཐོའི་ནང་བཀོད་ཡོད་པ་དང་། འབར་གས་སླ་བའི་དངོས་རྫས་བཟོ་བར་སྤྱད་ཆོག་པའི་ཉེན་ཆེའི་རྫས་འགྱུར་དངོས་རྫས་བཅས་ཡིན། བཀག་སྡོམ་བྱེད་པའི་གྲི་ཆས་ནི། གློ་གྲི་དང་། གཞོག་གྲི་ཟུར་གསུམ་མ། རང་བཞིན་ཁ་བཏབ་སྒྲིག་ཆས་ལྡན་པའི་ལྡེམ་གྲི་སོགས་ཡིན། བཅོས་སྣུམ་སིལ་མ་ནི། རླངས་སྣུམ་དང་། ཁྲའེ་ཡིའུ་སྣུམ་སོགས་ཡིན།

དྲུག་པ། ཐེར་འདོན་གོང་ཞུ་བྱེད་ཐབས།

(གཅིག)ས་ཁོངས་དེ་གའི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱུང་ན་ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་ངམ་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཐེར་འདོན་བྱེད་པར་ཕེབས་རོགས། ཐེར་འདོན་བྱེད་མཁན་གྱིས་གོ་ཆོད་ཐོབ་ཐང་ལག་ཁྱེར་འཁྱེར་དགོས་པ་མ་ཟད་ཐེར་འདོན་ནང་དོན་ཡང་གསལ་བཤད་ཞིབ་ཕྲ་བྱ་དགོས། དེའི་ནང་དངོས་རྫས་ཀྱི་སྣ་རིགས་དང་། གྲངས་འབོར། འཇོག་ཡུལ་དངོས། དེ་བཞིན་འབྲེལ་ཡོད་ཆ་འཕྲིན་སོགས་ཚུད་ཡོད་འོན་ཀྱང་དེ་མིན་གྱི་ཆ་འཕྲིན་མཁོ་འདོན་བྱས་ཀྱང་ཆོག དེས་སྤྱི་བདེ་ལས་ཁུངས་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་རྒྱུར་སྟབས་བདེ་བསྐྲུན་ཐུབ།

(གཉིས)ཐེར་འདོན་ཁ་པར།

བརྡ་ཐོ་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

སྒེར་རྩེ་རྫོང་སྤྱི་བདེ་ཅུད།

来源:平安改则

相关推荐